Nature Poem Trekking

The Annapurna circuit ( ཨ་ན་ཕུར་ན་སྐོར་ར།)

SONY DSC

ཧི་མ་ལ་ཡའི་རི་རྩེ་ལ། 
གངས་རི་ལྷུན་པོ་བརྗིད་ཉམས་ཆེ། 
རི་འཁྱམ་ཨ་ཁུའི་སེམས་ཁོངས་ལ། 
ཞི་བདེའི་རེ་འདུན་མེ་ལྕེ་འབར། 
On the top of Himalayan mountains, 
The snow mountains are spontaneously majestic. 
In the mind of Mountain-Wondering-Uncle, 
The flame of aspiration for peace is ablaze. 

མ་ནང་རི་ཡི་ལུང་ཤོང་ལ། 
དབྱར་དཔལ་ལྷ་ཡིས་བཟོས་དང་མཚུངས། 
རི་འཁྱམ་ཨ་ཁུའི་སེམས་ཁོངས་ལ། 
ཕ་ཡུལ་དྭགས་པོ་ལྷང་ལྷང་དྲན། 
In the mountainous valley of Manang, 
The wealth of summer is like divine-made. 
In the mind of Mountain-Wondering-Uncle, 
The homeland of Dakpo vividly appears. 

ཐོ་རང་གངས་རིའི་ལ་རྩེ་ལ། 
གྲང་ངར་ཆེ་ལ་རྒྱུ་སྐར་གསལ། 
རི་འཁྱམ་ཨ་ཁུའི་སེམས་ཁོངས་ལ། 
གོ་ལ་གཞན་དུ་སླེབ་བམ་སྙམ། 
On the top of snowy Thorang pass, 
The weather is cold and stars are luminous. 
In the mind of Mountain-Wondering-Uncle, 
He wonders to be on another planet. 

བློ་སྨད་ཆུ་མིག་རྒྱ་མཚོ་ལ། 
གནས་དང་གནའ་ཤུལ་རྣམ་པ་ཕྱུག། 
རི་འཁྱམ་ཨ་ཁུའི་སེམས་ཁེངས་ལ། 
ལོ་རབས་གོང་མར་ལོག་གམ་སྙམ། 
In the lower Mustang, Muktinath (the ocean of water spring), 
The sacred places and ancient heritage are rich. 
In the mind of Mountain-Wondering-Uncle, 
He wonders to be back in previous centuries. 

པོ་ཁ་ར་ཡི་གྲོང་ཁྱེར་ལ། 
འཁོར་གཡུག་གཙང་ལ་དེང་དུས་ཆེ། 
རི་འཁྱམ་ཨ་ཁུའི་སེམས་ཁོངས་ལ། 
རྒྱལ་ཁབ་གཞན་དུ་ཡིན་ནམ་སྙམ། 
In the city of Pokhara, 
The environment is clean and modern. 
In the mind of Mountain-Wondering-Uncle, 
He wonders to be in another country. 

བོད་གླང། 

~Champa Lhundrup

Leave a Reply

Your email address will not be published. Required fields are marked *